རྒྱབ་སྐྱོར།
རྒྱུད་ཁོངས་གསར་བWindows 7ནང་དུ་བོད་ཡིག་གི་ཡིག་གཟུགས་ཧི་མ་ལ་ཡ(Microsoft Himalya)དང་དེའི་གཏག་ཐབས་འདུས་གྲུབ་བྱས་ཡོད་མོད། འོན་ཀྱང་མི་ཁ་ཤས་ཀྱིས་གཏག་ཐབས་ཁ་སྣོན་བྱེད་ཤེས་ཀྱིན་མེད་སྟབས་གསལ་བཤད་ཀྱི་ཚུལ་དུ་དཔེ་རིས་དང་སྦྲགས་ནས་འཆད་པར་བྱའོ།།

༡ ཐོག་མར་གཏག་ཐབས་སྟེང་གཡས་རྡེབ་བྱེད་དགོས།

༢ རྒྱ་ཡིག་གི་སྒྲིག་བཀོད་ཅེས་པ་དེ་མནན་དགོས།

༣ ཁ་སྣོན་ཅེས་པ་དེ་མནན་དགོས།

༤ བོད་ཡིག་འདེམས་རྗེས་གཏན་འཁེལ་བྱེད་དགོས།

༥ གོང་གི་དེ་ལྟར་འགྲིག་ཡོད་ཚེ་གཏན་འཁེལ་བྱེད་དགོས།
![]()
༦ བོད་ཡིག་གཏག་དུས་སུ་སྔོན་ལ CH དེ་མནན་དགོས།

༧ BOབོད་ཡིག་ཅེས་པ་དེ་ནི་ཧི་མ་ལ་ཡ་གཏག་ཐབས་ཡིན་ནོ།།
ཡོང་ཁུངས། བོད་ཡིག་བརྡ་འཕྲིན་ལག་རྩལ། རྩོམ་འགན། ཚེ་མགོན།
རྒྱབ་སྐྱོར།