རྒྱབ་སྐྱོར།
བོད་རྒྱ་ལོ་ཙཱ། 50.8 MB/བོད་སྐད།
ཕབ་ལེན།
2019ལོའི་ཟླ་7ཚེས་30ཉིན་བོད་ལྗོངས་རྩེར་སོན་ཚན་རྩལ་ཀུང་སིས་༼བོད་བསྒྱུར་ལོ་ཙཱ་༽ཞེས་པའི་ལག་ཐོགས་ཁ་པར་ཡིག་སྒྱུར་མ་ལག་APPཚོད་ལྟའི་པར་གཞི་དེ་དངོས་སུ་བཏོན་པ་རེད། བོད་བསྒྱུར་ལོ་ཙཱ་ཞེས་པའི་མ་ལག་དེ་ནི་བོད་རྒྱ་སྐད་གཉིས་ཀྱི་ཡིག་སྒྱུར་མཉེན་ཆས་ཤིག་ཡིན་པས་བོད་རྒྱ་སྐད་གཉིས་ངོས་འཛིན་དང་། ཡིག་སྒྱུར་། བོད་རྒྱ་སྐད་གཉིས་མགྲིན་གཅིག་སྐད་སྒྱུར། སྒྲ་འཇུག་ཡིག་སྒྱུར་སོགས་ཀྱི་བྱེད་ནུས་མང་པོ་ལྡན་ལ། བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་ཁུལ་དང་སློབ་ཆེན་ཁག་ཏུ་རྒྱ་ཁྱབ་ཏུ་བཀོལ་སྐྱོད་བྱེད་ཆོག
བོད་བསྒྱུར་ལོ་ཙཱ་ཞེས་པ་ནི་འཛམ་གླིང་རྩེར་སོན་གྱི་སྐད་གདངས་དབྱེ་འབྱེད་ངོས་འཛིན་གྱི་འདྲེས་སྦྱོར་ལག་རྩལ་བེད་སྤྱད་པའི་རྨང་གཞིའི་ཐོག་ཞིབ་འཇུག་གསར་སྤེལ་བྱས་པ་ཞིག་ཡིན་ཞིང་། རྒྱལ་ཡོངས་སུ་ཞབས་འདེགས་ཞུ་བར་ཁ་ཕྱོགས་པའི་ཡིག་སྒྱུར་གཙོ་བོར་འཛིན་པའི་ཞབས་ཞུའི་རྣམ་པའི་ཉེར་སྤྱོད་མ་ལག་ཅིག་ཡིན།དེའི་བྱེད་ནུས་གཙོ་བོ་གཤམ་གསལ་དྲུག་སྟེ།

༡ ཡིག་རིགས་ཕན་ཚུན་སྒྱུར་བ།
༢ སྐད་རིགས་སྒྲིག་བཀོད།
༣ སྐད་ཆ་བཤད་ནས་ཡིག་སྒྱུར་བྱེད་པ།
༤ སྤུས་ལེགས་ཀྱི་མཚམས་ངོས།
༥ ཡིག་སྒྱུར་ཟིན་ཐོ་དང་དེ་ཉར་ཚགས་བྱ་ཆོག་པ།
༦ སྣང་ཚུལ་དང་བསྟུན་པའི་དཔེར་བརྗོད་ཡོད་པ་བཅས་སོ།
ཡོང་ཁུངས། དྲ་རྒྱ། རྩོམ་འགན། ཚེ་མགོན།
རྒྱབ་སྐྱོར།