ཕབ་ལེན་གསལ་ཞུ།

བོད་ཡིག་གི་ཡིག་གཟུགས་བརྗེ་སྒྱུར་བྱ་རིམ་ UTFC༽བགྱི་བའི་མཉེན་ཆས་འདི་སྐད་འཕྲིན་ནས་ཐད་ཀར་ཕབ་ལེན་བྱ་མི་ཐུབ་པ་དང་། དེ་ཡང་དྲ་ཚིགས་ཀློག་ཆས་སམSafariསོགས་ནས་ཁ་ཕྱེ་ན་ཕབ་ལེན་བྱེད་ཐུབ་པ་དང་བཀག་སྡོམ་ཅི་ཡང་མེད་དོ།
བོད་ཡིག་གི་ཡིག་གཟུགས་བརྗེ་སྒྱུར་བྱ་རིམ་ UTFC

བོད་ཡིག་གི་ཡིག་གཟུགས་བརྗེ་སྒྱུར་བྱ་རིམ་ UTFC

  • རྩོམ་པ་པོ།:བཀྲ་ཤིས་ཚེ་རིང་།
  • སྐད་རིགས།:བོད་སྐད།
  • མ་ལག:/WinNT/2000/XP
  • ཕབ་གྲངས།:
བོད་ཡིག་གི་ཡིག་གཟུགས་བརྗེ་སྒྱུར་བྱ་རིམ་ UTFC
བོད་ཡིག་གི་ཡིག་གཟུགས་བརྗེ་སྒྱུར་བྱ་རིམ་ UTFC
བོད་ཡིག་གི་ཡིག་གཟུགས་བརྗེ་སྒྱུར་བྱ་རིམ་ UTFC

ཀུན་སྤྱོད་བོད་ཡིག་ཡིག་གཟུགས་བརྗེ་སྒྱུར་མཉེས་ཆས་འདི་ནི་སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གསར་བཟོས་བྱེད་པ་རེད། མཉེས་ཆས་འདི་གསར་བཟོས་བྱས་བའི་དམིགས་ཡུན་གཙོ་བོ་ནི་རྒྱ་ཆེན་བོད་ཡིག་བེད་སྤྱོད་བྱེད་མཁན་རྣམས་ལ་བོད་ཡིག་ཨང་རྟགས་འང་ཡིག་གཟུགས་མི་གཅིག་པའི་ཡིག་ཆ་ཕན་ཚུལ་བརྗེ་སྒྱུར་བྱེད་ཐུབ་པའི་ལག་ཆ་ཞིག་རེད།  བརྗེ་སྒྱུར་མཉེས་ཆ་འདིས་ཆབས་ཅིག་ཏུ་བོད་ཡིག་རང་ནས་བོད་ཡིག་ལ་ཐིན་སྒྱུར་ཡིག་ལ་བརྗེ་སྒྱུར་བྱེད་ཐུབ་པ་དང་།  དེ་ལས་ལྡོག་པའི་བོད་ཡིག་གི་ལ་ཐིན་སྒྱུར་ཡིག་ནས་བོད་ཡིག་རང་ལ་བརྗེ་སྒྱུར་བྱེད་ཐུབ་པའི་ནུས་པ་ཡོད། བརྗེ་སྒྱུར་མཉེས་ཆས་འདི་ནི་རིན་དངུལ་མི་དགོས་པའི་མཉེས་ཆས་ཅིག་རེད།
ང་ཚོའི་བརྗེ་སྒྱུར་མཉེས་ཆས་འདི་ནི་འཛམ་གླིང་ཡོངས་ལ་ཁྱབ་པའི་བོད་ཡིག་ཡིག་གཟུགས་ཁག་བཅུ་བདུན་ཆ་ཚང་ཡོད།    འདི་ནང་བོད་ཡིག་ལ་ཐིན་སྒྱུར་ཡིག་མ་ལག་དང་རྒྱལ་སྤྱི་ཚད་ལྡན་བོད་ཡིག་ཨང་སྒྲིག་ཡིག་རྟགས་ཚོགས་སྤྱི Unicode དང་དེ་བཞིན་སྲོལ་རྒྱུན་གྱི་བོད་ཡིག་ཡིག་གཟུགས་བཅུ་གཉིས་བཅས་ཚུད་ཡོད།  བརྗེ་སྒྱུར་མཉེས་ཆས་འདིས་རྒྱུན་དུ་མཐོང་བའི་ཡིག་ཆའི་རྣམ་གཞག་བཞི་ཡོད། འདི་ནི་ཡིག་རྐྱང་ཡིག་ཆ་(txt)དང་Unicode ཡིག་རྐྱང་ཡིག་ཆ་(txt), Rich Text Format (RTF), HTMLདྲ་ངོས་ཡིག་ཆ་བཅས་ཐག་གཅོད་བྱེད་ཐུབ་པ། སྤྱོད་མཁན་རྣམས་ཀྱིས་གང་འདོད་གིས་བོད་ཡིག་ཡིག་གཟུགས་བཅུ་བདུན་ནང་གི་ཡིག་གཟུགས་གཉིས་ཕན་ཚུལ་བརྗེ་སྒྱུར་བྱེད་ཐུབ་པ་དང་།  ད་དུང་མ་འདྲ་བའི་ཡིག་ཆའི་རྣམ་གཞག་ཡང་འདེམས་ཆོག་གི་རེད།

རྒྱབ་སྐྱོར།

སྣང་མེད་གཏོང་བ།

འདིའང་བོད་ཡིག་གི་འཐབ་ར་ཅིགོ

扫码支持
བཤེར་རིས་ནས་དངུལ་ལོ་ཅི་ཚོད་ཅིག་སྟེར་བ།

打开支付宝扫一扫,即可进行扫码打赏哦

ཁྱེད་ཀྱི་རྒྱབ་སྐྱོར་ནི་ང་ཚོའི་མདུན་སྐྱོད་ཀྱི་སྒུལ་ཤུགས་ཆེན་པོའོ།

པར་རིམ། 3.0 | གསར་བཅོས: 2020-05-08 ཆ་ཚང་ཀློག་པ།

དཔྱད་གཏམ་སྤེལ་བ།

གསར་ཐོན་མཉེན་ཆས།